ལོ་སར་གཅིག་གྱུར་དགོས་སམ།


ལོ་རེ་བཞིན་མཚོ་སྔོན་དང་ཀན་སུའུ་སྟེ་ཞིང་ཆེན་ཁག་གཉིས་ནས་བོད་རིགས་མང་ཚོགས་མང་དག་ཅིག་གིས་མི་རིགས་གཞན་གྱི་རྗེས་དེད་པ་འདྲ་བས་སྣང་ཚུལ་ཞིག་རྒྱུན་པར་བཟུང་ནས་རང་སྲོལ་བོར་བའི་ངོ་ཚ་ཞིག་ངོས་ཟིན་གྱིན་མེད་པ་རེད་དེ་འདི་ནི་ང་ཚོའི་མི་རིགས་ཀྱི་ངོ་ཚ་དང་ཕམ་ཁ་ཡང་ཅི་ལ་མིན་དེས་ཕྱིར་འདིའི་ཕྱོགས་ལ་སྤྱི་སྒེར་གང་ཡིན་ནས་བསམ་བློ་མི་གཏོང་རང་གཏོང་མ་ཡིན་ནམ།
སྤྱིར་ན་ང་ཚོ་བོད་པ་ཚང་ལ་སྡུག་བསྔལ་གྱི་མཆུ་མ་ཟད་དཀའ་བའི་སྐབས་འདིར་གནམ་ལོ་གསར་བ་ཞིག་བསུ་བའི་མོས་འདུན་གང་ནས་ཡོད་སྲིད་པ་རེད་འོན་ཀྱང་སྡུག་ཁོག་ལ་བཟུང་ནས་ཁ་སྐྱིད་ལ་མི་དགོད་རང་དགོད་ཀྱི་ཁྲིམས་ལུགས་ཞིག་ཐོན་པ་ལོས་ཡིན་ཏེ།
འོན་ཀྱང་ང་ཚོ་བོད་ཆེན་པོའི་རྒྱལ་ས་དང་བོད་གཞུང་ཡོངས་ཀྱི་ལོ་གསར་བའི་དབུ་འཛིན་པའི་བརྩི་སྲོལ་དང་ཚང་མ་གཅིག་གྱུར་ཡིན་དགོས་པ་ནི་བོད་མི་རིགས་ཀྱི་ཁོངས་སུ་གཏོགས་པའི་ཆ་ནས་ལུགས་སྲོལ་དམིགས་བསལ་ཞིག་ལ་ཆགས་དགོས་པ་ཞིག་ཅིས་ཀྱང་རེད་དོ།།
དེས་ན་ལོ་ཁ་ཤས་ནས་འདི་ལྟར་རང་སྣང་གང་ཤར་ལྟ་བུའི་སྤྱི་སྒེར་མང་པོས་སྣེ་ཁྲིད་ནས་འུར་ཆེན་པོས་གནམ་ལོ་གསར་བ་ཞིག་བསུ་སྟངས་ཏེ་ཁྱོན་ནས་སེམས་ལ་བབ་པ་ཞིག་མ་ཡིན་ལ་ད་ལོ་ཡང་མཚོ་སྔོན་དང་ཀན་སུ་ད་དུང་ས་ཆ་སྐོར་རེ་ན་རྩིའི་གཞུང་མི་འདྲ་བ་ལ་ཁ་གཡར་ནས་ལོ་སར་ལ་ཡང་སྔ་ཕྱི་ཡོད་པའི་སྐོར་བསྒྲགས་ཀྱིན་ཡོད་པ་རེད་ལ་དོན་ངོ་མ་ཁྱེད་ཚོའི་བརྩི་བཞིན་པའི་རྩིས་དེ་སུའི་རྩིས་ཡིན་པ་ངོས་ཟིན་དགོས་ལ་དེ་ནི་ངོ་ཚ་ཞིག་ཡིན་པ་ཡང་གསལ་བོར་ངོས་ཟིན་དགོས་པ་རེད།
གཙོ་བོ་བརྙན་འཕྲིན་ཁང་དག་ལ་ཐུག་ཡོད་པ་རེད་དེ་མང་ཚོགས་མང་པོ་ཞིག་གིས་དེར་ཉན་ནས་ཁྱི་ལྟ་ཕྱོགས་རྒྱུགས་བྱེད་པ་ལས་རང་ཚུགས་ཐུབ་པའི་ལམ་ཕྱོགས་ཡོད་ཚོད་མ་རེད་དེས་ན་ངས་འདི་ནས་མཚོ་སྔོན་བརྙན་འཕྲིན་ཁང་དང་ཀན་ལྷོ་རྒྱང་བསྒྲགས་ཁང་སོགས་ལ་དམིགས་བསལ་གྱི་དྲི་བ་འདི་འདོན་འདོད་ཡོད།
ཁྱེད་ཚོའི་ཅི་ཞིག་ལ་བོད་རང་གི་ལུགས་ལྟར་བརྩིའི་པས་གནམ་ལོ་གསར་བ་དེ་ལ་ལོ་སར་མི་བྱེད་དོན་ཅི་ཡིན་དང་ཡང་ན་ཁྱེད་ཚོས་བརྩི་བཞིན་པའི་རྩིས་དེ་སུ་ཞིག་གི་རྗེས་དེད་ནས་བརྩི་བ་ཡིན་པ་དང་གཞན་ཡང་དབུས་ཁམས་མདོ་གསུམ་ལ་གཅིག་གྱུར་གྱི་ལོ་སར་ཞིག་དགོས་སམ་མི་དགོས་སོགས་ཡིན་ལ་འདི་ནི་ང་ལྟ་བུའི་མི་བུ་ཆུང་ཆུང་ཞིག་གི་བཤད་བྱ་མ་ཡིན་པའི་དབང་དུ་བཏང་ཡང་ཁྱོད་ཚོ་ལྟ་བུའི་མི་རིགས་ཀྱི་སྣེ་ཁྲིད་པ་ཞིག་ལ་ལག་ལེན་འདི་ཅེས་ཀྱང་ཡོད་དགོས་པ་ཡང་མ་ཡིན་ནམ།
ཕྱི་ནང་ཀུན་ན་ཡོད་པའི་མཁས་པ་དང་ཡོན་ཏན་པ་རྣམས་པ་ལགས་ཁྱེད་ཚོས་འདི་ནི་དོན་མེད་ཀྱི་ཉོག་ལབ་ཞིག་རེད་འདོད་ན་རང་སར་གཡུག་ཀྱང་ཆོག་མོད་གལ་ཏེ་འདིའི་ཕྱོགས་ནས་སྐད་འབོད་ཅིག་རྒྱགས་དགོས་པ་ཞིག་ཡིན་ན་ཁ་རོགས་གེར་མི་འདུག་པའི་རེ་བ་ཡོད་ཐ་ན་འདི་ཙམ་ཡང་གཅིག་གྱུར་མ་ཡོང་ན་སྐད་ཡིག་གཅིག་གྱུར་སོགས་མང་པོ་ཞིག་དེ་བས་ཀྱང་དཀའ་བ་ཞིག་ལོས་ཡིན་ནོ། །
གནས་ཚུལ་ཡོངས་ཁུངས http://www.gdqpzhx.com/bo/html/interview/201201041625.html

Leave a Comment

Your email address will not be published. Required fields are marked *

*