བོད་དངུལ་ཇུས་འགོད་པ་དྲུང་གཏོགས•སྐལ་བཟང་ནོར་བུ་ལགས།
གཡུ་དྲུང་སྒྲོལ་མས་ངག་སྒྲོས་དང་བསྟུན་ནས་བྲིས་པའི་དྲུང་གཏོགས•སྐལ་བཟང་ནོར་བུ། (སྤྱི་ལོ་༡༩༡༠-༡༩༦༦)
བོད་ཀྱི་ཉེ་རབས་ཇུས་ཆེན་པ་དྲུང་གཏོགས•སྐལ་བཟང་ནོར་བུ་ལགས་ནི་སྤྱི་ལོ་༡༩༡༠ལོར་སྐུ་འཁྲུངས་པ་དང་དགུང་ལོ༡༠ལ་ཕེབས་དུས་བོད་ཡིག་འབྲི་ཀློག་སྦྱོང་འགོ་ཚུགས། དགུང་ལོ༡༢སྐབས་ཡབ་ཆེན་དང་ལྷན་དུ་རི་མོ་འབྲི་བའི་ལམ་ལ་ཞུགས། ལོ་ངོ་བདུན་རིང་དཀའ་སྤྱད་འབད་བརྩོན་གནང་བ་བརྒྱུད། དགུང་ལོ༡༩ལ་ཕེབས་དུས་སྲོལ་རྒྱུན་གྱི་རི་མོའི་མཐུ་རྩལ་དང་རིགས་གཞུང་བྱང་ཆུད་པ་དང་། དགུང་ལོ༢༠ལ་བཟོ་ཆུང་གླིང་དུ་ཕེབས་ནས་ཡབ་ཆེན་དང་ལྷན་དུ་ཕྱག་ལས་གནང་། དགུང་ལོ༢༣ལ་ཨུ་ཆུང་གི་གོ་གནས་འཐོབ་པ་དང་། ལས་ཀའི་དགོས་མཁོའི་དབང་གིས་ཁོང་ཞོལ་འདོད་དཔལ་དུ་ལས་སྒྱུར་གནང་།
ཡིད་ཀྱི་བརྟན་པ་འཕྲོག་པའི་ཞོལ་འདོད་དཔལ།
དྲུང་གཏོགས•སྐལ་བཟང་ནོར་བུ་ལགས་ཀྱི་ཇུས་འགོད་ལག་རྩལ་གླེང་ཚེ། མི་ཞུ་ཐབས་མེད་ཅིག་ནི་ཁོང་གིས་བོད་དངུལ་ཇུས་འགོད་ཐད་ལ་ཕུལ་བའི་ལེགས་སྐྱེས་ཡིན། དུས་རབས༢༠པའི་ལོ་རབས༢༠ནས༥༠བར་བོད་ས་གནས་སྲིད་གཞུང་གིས་གནས་ཐང་མི་འདྲ་བའི་བོད་དངུལ་རིགས༡༠དཔར་འགྲེམས་བྱས་མྱོང་ཞིང་། དེའི་ནང་ནས་ཤོག་དངུལ་སྲང༡༠༠དང་སྲང་ཉེར་ལྔ་ནི་ཁོང་གིས་ཇུས་འགོད་བྱས་པ་ཞིག་ཡིན་པ་དང་ད་ཆ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རིག་དངོས་ཡིན།
- གཡུ་དྲུང་སྒྲོལ་མས་ངག་སྒྲོས་དང་བསྟུན་ནས་བྲིས་པའི་དྲུང་གཏོགས•སྐལ་བཟང་ནོར་བུ། (སྤྱི་ལོ་༡༩༡༠-༡༩༦༦)
- བོད་དངུལ་སྲང་བརྒྱ་ཐམ་པ།
- སྲང་ཉེར་ལྔ།
- ཁོང་གིས་ཕྱག་སོར་ལས་ཐོན་པའི་གསེར་གདུང་དགེ་ལེགས་འདོད་འཇོ།
- ཁོང་གི་ཕྱག་སོར་ལས་ཐོན་པའི་ལ་མོ་ཚངས་པ་དཀར་པོ། ནོར་གླིང་དུ་ཉར་ཚགས་བྱས།
- ཁོང་གི་ཕྱག་སོར་ལས་ཐོན་པའི་གདུགས་དཀར། ནོར་གླིང་དུ་ཉར་ཚགས་བྱས།
དྲུང་གཏོགས•སྐལ་བཟང་ནོར་བུ་ལགས་ཀྱི་སྒྱུ་རྩལ་ལ་རང་མི་རིགས་ཀྱི་ཁྱད་ཆོས་ཀྱི་ཕྱུག་པ་མ་ཟད་དུས་རབས་ཀྱི་གསར་གཏོད་རང་བཞིན་ཡང་ལྡན་པས། བོད་ཀྱི་ཇུས་འགོད་སྒྱུ་རྩལ་གོང་འཕེལ་ཡོང་རྒྱུར་ཕུལ་དུ་བྱུང་བའི་ལེགས་སྐྱེས་ཕུལ་ཡོད།
རྩོམ་ཁུངས། ཁ་དོག་སྒྱུ་རྩལ་ལྟེ་གནས།
རྩོམ་སྒྲིག་པ། མགུ་རུ།
ཆོས་བརྒྱུད་སྤྱི་འཐུས་དང་ཆོལ་ཁའི་སྤྱི་འཐུས་ཟེར་བ་དེ་གྲོས་ཚོགས་སུ་མེད་ན་བཟང་གི་སྙམ།གལ་སྲིད་ཆོས་བརྒྱུད་ག་གེ་མོའི་ཕྱག་ལས་ཚང་མ་བོད་གཞུང་ཆོས་དོན་ཁང་གིས་འོས་འགན་བཞེས་ཤིང་།མངའ་སྡེའི་སྤྱི་འཐུས་བོད་ཀྱི་སྲོལ་རྒྱུན་ཏུ་ཡོད་བསྡད་པའི་རྫོང་ནང་ཡོང་དགོས།དབུས་ཀྱི་སྤྱི་འཐུས་མངའ་སྡེ་ནང་ཡོང་དགོས་པར་སྙམ།རྫོང་། མངའ་སྡེ་དང་དབུས་ཡིན་པ།ཆོལ་ཁའི་ལྷན་ཚོགས་མི་དགོས།
ཟུར་དུ་ཞུ་སྙིང་འདོད་པ་ཞིག་ལ།༢༠༡༦ལོའི་སྤྱི་འཐུས་ ལྷན་ཚོགས་ནང་སྲིད་སྐྱོང་་བློ་ བཟང་སེང་གེ་དང་མདོ་སྨད་སྤྱི་འཐུས་བློ་བཟང་ཆོས་འབྱོར་གྱི་བོད་ཀྱི་རྫོང་སོགས་ཀྱི་བཤད་ཚུལ་ཆ་ཚང་ ནོར་འཁྲུལ་ཡིན་པ་མ་ཟད། ནོར་འཁྲུལ་ཚབས་ཆེན་རེད།ཁོང་རྣམ་པ་གཉིས་ཀའི་གསུང་གཞིའི་རྫོང་ཁག་དེ་དག་བོད་ཀྱི་་སྲོལ་རྒྱུན་དུ་ཡོད་པའི་རྫོང་ཁག་རྣམས་མ་རེད།རྒྱ་དམར་ཀྲོང་གོའི་གཞུང་གི་ད་ལྟའི་སྲིད་འཛིན་ས་ཁུལ་གྱི་འབྱེད་སྟངས་ཤིག་རེད།