རང་ཉིད་རང་ནས་གྱེས་པ། པདྨ་ཆོས་འཛིན།

ངའི་སྐྱེས་ཡུལ། ངའི་རྩ་ཐང་།
ངས་མི་ཚེ་ཧྲིལ་པོར།
འཛམ་གླིང་ས་ཕྱོགས་གང་སར་ཉུལ།
ངས་མིག་གིས་བལྟས་ཀྱང་།
ཁྱེད་དང་ང་གཉིས་དབར་གྱི་རྒྱང་ཐག་ཚོད་དཔག་བྱེད་མི་འདུག
ད་ལྟ་ཁྱེད་ཞི་འཇམས་ལ་བཞུགས་སྐབས།
ཁྱེད་ཀྱི་ས་དམར་ཐིང་ནས།
ང་རྒྱང་ཐག་གང་གྱེས་པ་ཤེས་སམ།

གནས་ཚུལ་ཡོངས་ཁུངས http://poem.tibetcul.com/128795.html

Leave a Comment

Your email address will not be published. Required fields are marked *

*