འོད་ཟེར། ཤར་ཕྱོགས་རིང་ལུགས་ཡང་སྙིང་སུ་རེད་དམ།

ལོ་ངོ་གསུམ་སྔོན་བོད་ས་ཡོངས་ལ་ཐོན་པའི་ངོ་རྒོལ་ནང་རྒྱ་ནག་གི་མཁས་པ་དང་རྩོམ་པ་པོ་དམངས་ཆེ་བའི་ཁྲོད་གོ་དོན་ལྡན་པའི་བསམ་ཞིབ་བྱ་དགོས་པ་ཞིག་བྱུང་ཡོད། དཔེར་ན། Qing hua གཙུག་ལག་སློབ་གྲྭའི་དགེ་རྒན་ཆེན་མོ་བ་wang hui ལ་ཆ་མཚོན་ན། ཁོ་པ་ནི་བོད་རིག་པའི་ཆེད་ལས་ཀྱི་ཞིབ་འཇུག་པ་ཞིག་མིན་པ་བརྗོད་ཀྱི་འདུག འོན་ཀྱང་ཆེད་ལས་ཀྱི་བོད་རིག་པ་མཁས་ཅན་ཟེར་བརྗོད་པའི་རྒྱ་ནག་མི་དམངས་གཙུག་ལག་སློབ་གྲྭའི་དགེ་རྒན་ཆེན་མོ་བ་Shen wei rongདང་wang huiགཉིས་ཀས་དེབ་བྲིས་ཏེ་ནུབ་ཕྱོགས་ཀྱིས་བོད་ལ་ཤང་རི་ལའི་བསམ་ཚུལ་ཟེར་བ་དང་ཤ་རི་ལའི་ཞེན་ཆགས་ཟེར་བ་ལྡན་ཡོད་པ་དེ་ནི་ཡ་མཚན་ཅན་གྱི་ཤར་ཕྱོགས་རིང་ལུགས་ཟེར་བའི་ནང་ལྷུང་པ་ཞིག་རེད་ཅེས་མཐའ་གཅིག་ཏུ་སྐྱོན་བརྗོད་བྱས་ཡོད།

ཤང་རི་ལ་ཟེར་བ་འདི་ཨ་རི་བ་James Hiltonནས་ལོ་ངོ་༧༠སྔོན་བྲིས་པའི་གྲུང་གཏམ་<>ཟེར་བའི་དེབ་ནས་བྱུང་བ་ཞིག་རེད། དེབ་འདི་དར་ཁྱབ་ཧ་ཅང་ཆེན་པོ་བྱུང་ཏེ་Hollywoodཡིས་གློག་བརྙན་བཟོས་ནས་<>ཀྱིས་དབྱིན་ཡིག་གི་ཐ་སྙད་ལ་བདེ་བ་ཅན་གྱི་ཞིང་ཁམས་ཟེར་གསར་གཏོད་བྱས་ཡོད། ཤང་རི་ལ་ཟེར་བ་འདི་ལྷ་ཡུལ་གྱི་མཚོན་རྟགས་ཤིག་ཏུ་གྱུར་ནས་དེའི་ལྡོག་ཕྱོགས་ནི་དམྱལ་བ་དང་། ཡང་ན་རྒྱ་ནག་གི་རིག་གཞུང་ནང་གི་གཤེན་རྗེའི་ཕོ་བྲང་ཡིན་པ་རེད།

བརྗོད་དུས་མགོ་སྐོར་བཏང་པ་རང་རེད། ཤང་རི་ལ་ཟེར་ནས་རྒྱ་ནག་གི་མཁས་པ་ཚོས་ཟུར་ཟ་བྱེད་པའི་ཤར་ཕྱོགས་རིང་ལུགས་ཟེར་བ་འདི་ཁོ་པ་ཚོའི་མིག་མདུན་མངོན་སུམ་དུ་གྱུར་ཡོད། སྤྱི་ལོ་༢༠༠༡ལོར་ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་ཀྲུང་ཏན་རྫོང་ཟེར་རྒྱལ་ཐང་གི་མིང་ལ་ཤང་རི་ལ་ཟེར་དངོས་སུ་བསྒྱུར་བ་བཏང་ཡོད་པ་རེད། འདི་ནི་གཞུང་གི་བྱ་སྤྱོད་ཅིག་ཡིན་ཞིང་། དབང་ཤུགས་ཀྱི་རྣམ་པ་ལྡན་ཡོད། དེ་ནི་ཡུལ་སྐོར་གྱི་བྱ་གཞག་འཕེལ་རྒྱས་གཏོང་ནས་ཕྱི་ནང་གི་ཡུལ་སྐོར་བ་སྐོང་བའི་ཆེད་དུ་ཡིན་པ་བརྗོད་ཀྱི་འདུག ཡང་བོད་ཤར་ཕྱོགས་ཁམས་ཁུལ་གྱི་ཟུར་ཆ་གཅིག་གི་ས་གནས་དེའི་མིང་ངོ་མ་ནི་རྒྱལ་ཐང་ཡིན་པ་རེད། འོན་ཀྱང་དུས་བབ་ཀྱི་གྱུར་བའི་ཁྲོད་ནས་མིང་ཐེངས་མང་བསྒྱུར་ཡོད་ལ། དུས་རབས་ཕྱེད་ཀའི་སྔོན་ཀྲུང་ཏན་ཟེར་བསྒྱུར་བ་བཏང་ཞིང་། ད་ཆ་ཐད་ཀར་ཤང་རི་ལ་ཟེར་འབོད་ཀྱི་ཡོད།

ཏག་ཏག་རེད། འདི་ནི་གདོང་ལ་དཀར་དམར་བྱུགས་ནས་གེར་སྟེགས་ཐོག་འཛེག་པའི་སྤྲོ་སེམས་ཀྱིས་ཁོ་པའི་བསམ་བློའི་འཆར་སྣང་བྱེད་སྟངས་འདི་ལ་སྟུན་ཐབས་བྱས་པ་ཞིག་རེད། སྐུ་ཞབས་wang hui ནས་འདིར་བློ་ཕམ་བྱས་ཏེ་ནུབ་ཕྱོགས་ཀྱིས་བོད་འདི་བཞིན་ཡ་མཚན་ཅན་ཏུ་གྱུར་བའི་དར་སྲོལ་འདི་ད་ཆ་རྒྱ་ནག་ལ་ཁྱབ་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། འདི་ནི་སྔར་ནས་བོད་འདི་གདོན་འདྲེ་ཅན་ལ་བསྒྱུར་མཁན་རྒྱ་ནག་ནས་ད་ཆ་ནུབ་ཕྱོགས་ལ་སྟུན་ཐབས་བྱེད་འགོ་ཚུགས་པ་ཞིག་ཡིན་པ་བརྗོད་ཀྱི་ཡོད་པ་མ་རེད་དམ། ཡང་ན་ནུབ་ཕྱོགས་ཀྱིས་མཐར་བོད་འདི་གདོན་འདྲེ་ཅན་ལ་བསྒྱུར་མཁན་གྱི་རྒྱ་ནག་འདི་བཞིན་བསྒྱུར་བ་བཏང་ཡོད་པ་བརྗོད་ཀྱི་ཡོད་པ་རེད་དམ།

གུས་མོས་དེ་སྔ་བྲིས་མྱོང་བར། དོན་དངོས་ཐོག་བོད་ནི་མི་ཚོའི་བསམ་བློའི་འཆར་སྣང་ནང་གི་དྭངས་ཤིང་གཙང་བའི་ས་ཆ་ཞིག་མིན་ལ། མི་ཚོའི་བསམ་བློའི་འཆར་སྣང་ནང་གི་གད་སྙིགས་ཤིག་ཀྱང་མིན་པ་རེད། བོད་ནི་འཛམ་གླིང་ཐོག་གི་ས་གནས་ཚང་མ་དང་འདྲ་བར་འགྲོ་བ་མིའི་རིགས་འཚོ་གནས་བྱ་ཡུལ་གྱི་ས་ཆ་ཞིག་རེད། ཡིན་ནའི་བོད་ལ་དད་པ་ཡིད་ཆེས་ཡོད་པར་བརྟེན་གྲ་བཙུན་གྱི་ཚོན་མདོག་ངུར་སྨྲིག་གི་འོད་ཟེར་འཕྲོས་པའི་ས་ཆ་ཞིག་ཆགས་ཡོད། ཡང་སྔར་ནས་བོད་ལ་དཔེ་མཚོན་གྱི་རྣམ་པ་གཉིས་འཛིན་གྱི་ཡོད་པ་སྟེ། གདོན་འདྲེ་ཅན་དང་མཆོག་གྱུར་ཅན་འདི་གཉིས་རེད། འོན་ཀྱང་མཐའ་འབྲས་ནི་གཅིག་པ་རེད། དེའི་ཐོག་ནས་བོད་ཀྱི་དངོས་ཡོད་རྣམ་པ་འདི་ཐོན་མི་ཐུབ་པ་དང་བོད་མིའི་དངོས་ཡོད་གནས་སྟངས་འདི་ཐོན་ཐུབ་ཀྱི་མེད།

གཅིག་བྱས་ན་རྒྱ་ནག་གི་མཁས་པ་དེ་ཚོར་དྲན་སྐུལ་བྱ་དགོས་ཡོད་ཀྱི་རེད། རྒྱ་ནག་གུང་བྲན་གཞུང་གིས་བོད་རྙིང་པ་ཟེར་ཚིག་ཐག་བཅད་ཡོད་པ་སྟེ། ཆེས་ངོ་ལོག་དང་ཆེས་མུན་ནག ཆེས་གདུག་རྩུབ། ཆེས་ཀླ་ཀློ་ཟེར་བ་དེར་ཁས་ལེན་བྱེད་ཀྱི་ཡོད་པ་རེད་དམ། ཡང་རྒྱ་ནག་གིས་བོད་ལ་དེ་བས་ཤར་ཕྱོགས་རིང་ལུགས་ཟེར་བ་ཡིན་པ་མ་ཟད། ད་དུང་བོད་འདི་བཞིན་གདོན་འདྲེ་ཅན་ལ་བསྒྱུར་བའི་ཤར་ཕྱོགས་རིང་ལུགས་ཟེར་བ་དེ་ཡིན་པ་ཁས་ལེན་བྱེད་ཀྱི་ཡོད་པ་རེད་དམ། ལྷག་པར་དུ་ཁོ་པ་ཚོས་སྤྱི་ལོ་༢༠༠༨ལོར་ནུབ་ཕྱོགས་སྤྱི་ཚོགས་ནས་བོད་ཀྱི་ཕྱོགས་སུ་ལངས་པར་ངོས་འཛིན་བྱས་པའི་སྐབས་དེར་བཅིང་འགྲོལ་ཟེར་བ་བཏང་ནས་ལོ་ངོ་མང་པོ་དེ་འདྲ་སོང་བའི་རྗེས་ཡར་ལངས་ཞིང་བྲན་ཟེར་བས་འོས་ལངས་བྱས་ཏེ་རང་ཉིད་ལ་བཅིང་འགྲོལ་ཟེར་བ་བཏང་མཁན་ལ་ངོ་རྒོལ་བྱས་པ་དེར་བསམ་བློ་མ་བཏང་བ་གང་ཡིན་ནམ། ཡང་བོད་ཀྱི་ས་གནས་འདིའི་སྟེང་གྲངས་ལས་འདས་པའི་མི་ཚོས་ཁྲོམ་གཞུང་ཐོག་སྐྱོད་མཁན་དང་རྩ་ཐང་ཐོག་རྟ་བཞོན་ནས་ངོ་རྒོལ་བྱེད་མཁན་ཧ་ལམ་ཚང་མ་བཅིང་འགྲོལ་ཟེར་བ་བཏང་བའི་རྗེས་སྐྱེས་པའི་བོད་མི་ཡིན་པ་བསམ་བློ་མ་བཏང་བ་གང་ཡིན།

ཁོང་ཚོས་ཕན་ཚུན་འུད་བསྟོད་ངང་ནུབ་ཕྱོགས་ལ་སྐྱོན་བརྗོད་བྱས་པ་དེའི་ཐོག་ནས་རྗེས་དཔག་དང་སྐྱེས་ཐོབ་ཟེར་བ་འདི་མངོན་གྱི་ཡོད་རུང་། སྔ་ཕྱི་བར་གསུམ་དུ་རང་ཉིད་གནས་སྡོད་བྱེད་སའི་རྒྱལ་ཁབ་དང་སྤྱི་ཚོགས། སྒྲིག་གཞི་བཅས་ནང་སྔ་ས་ནས་གོམས་གཤིས་ཆགས་པ་ལྟ་བུས་བོད་འདི་བཞིན་གདོན་འདྲེ་ཅན་ལ་བསྒྱུར་བའི་གོམ་སྲོལ་དེར་སྐྱོན་བརྗོད་རྩ་བ་ནས་བྱེད་ཀྱི་མེད་པ་རེད། ཁོང་ཚོ་ནི་མཁས་པ་ཡིན་པ་ལས་སྲིད་དོན་པ་མིན། འོན་ཀྱང་ཁོང་ཚོ་ནི་རྒྱལ་ཁབ་རིང་ལུགས་པའི་མཁས་པ་དེ་རིགས་ཡིན་པས་རང་བཞིན་གྱིས་གདམ་ཀ་བྱས་པའི་ཐོག་ནས་ལོང་བ་ལྟ་བུ་བྱེད་ཀྱི་རེད།

ད་དུང་ཁོང་ཚོས་ཤར་ཕྱོགས་རིང་ལུགས་ཟེར་བརྗོད་པར་དགའ་པོ་བྱེད་ཀྱི་ཡོད་པས། ཟ་ཡི་དཱ་ནས་བྲིས་པའི་རིག་གཞུང་ཆེད་རྩོམ་<>ཟེར་བའི་དེབ་འདིའི་མདུན་ངོས་ཐོག་ནས་ལུང་འདྲེན་བྱས་པའི་སྐད་ཆ་ཚིག་གཉིས་པོ་དེ་གཏན་གཏན་དྲན་གྱི་ཡོད་ཀྱི་རེད། གཅིག་ནི་མཱག་སའི་སྐད་ཆ་སྟེ། ཁོང་ཚོས་རང་ཉིད་ཞིབ་གླེང་བྱ་ཐབས་བྲལ་ཞིང་། ཁོང་ཚོ་ངེས་པར་དུ་གཞན་གྱི་ཞིབ་གླེང་བྱ་དགོས་ཀྱི་ཡོད་ཅེས་དང་། གཅིག་ནི་དབྱིན་ཇིའི་རྩོམ་པ་པོ་ཞིག་གི་སྐད་ཆ་སྟེ། ཤར་ཕྱོགས་ནི་འཚོ་ཐབས་ཀྱི་ལམ་ཞིག་ཡིན་ཟེར་བརྗོད་ཡོད།

གནས་ཚུལ་ཡོངས་ཁུངས http://www.sherab.org/?p=4384

Leave a Comment

Your email address will not be published. Required fields are marked *

*