“གྲུང་ཅིན་གྱི་རྒྱ་མིས་ལྷ་སར་རིག་གནས་གསར་བརྗེ་ཡི་རྣམ་པ་ལྡན་པའི་རྒྱ་ཁོག་ཟ་ཁང་སྒོ་ཕྱེས་པ།”
འོད་ཟེར་གྱིས་བརྩམས།
དོན་གླིང་བུས་བོད་བསྒྱུར་བྱས་
ལྷ་ས་ནི་ད་ལྟ་རིག་གནས་གསར་བརྗེའི་རྣམ་པ་ལྡན་པའི་རྒྱ་ཁོག་ཟ་ཁང་གི་ཁྱིམ་རེད། དེ་ནི་ཕྱི་ལོ་ ༢༠༡༣ ལོ་འགོར་ཆོང་ཁིན་ནས་ཡིན་པའི་འགོ་གཙོ་འགས་གསར་འཛུགས་བྱས་ཤིང། དེའི་མིང་ལ་ “རུ་དཔོན་ཆེན་མོ་” ཟེར། ཟ་ཁང་གི་ཞབས་ཞུ་བ་ལས་བྱེད།
སྐྱེས་པ་དང་བུད་མེད། རྒྱ་མི་། བོད་པ་བཅས་ཚང་མས་དམར་སྲུང་དམག་གི་སྒྲིག་ཆས་གཅིག་མཚུངས་གྱོན་ཞིང། ཁོང་རང་ཚོ་སོ་སོར་ “ཀྲུང་ཧྲེའི་འཐུས་མི་” ཡིན་བརྗོད། མིང་དེ་གཉིས་ལས་ང་ཚོས་(ཁོང་ཚོ) མའོ་ཙེ་ཏུང་གི་ “མི་དམངས་ཀྱི་ཀྲུང་ཧྲེ་” ལ་ཆགས་ཞེན་(དུང་སེམས་)ཡོད་པ་དེ་གསལ་པོ་ངོས་འཛིན་ཐུབ།
ཟ་ཁང་གི་ནང་ངོས་སུ་རིག་གནས་གསར་བརྗེའི་རི་མོ་དང་དངོས་རྫས་འདྲ་མི་སྣ་ཚོགས་དང་། དེ་བཞིན་མའོའི་འབོད་ཚིག་དང་ “གཞོན་ནུ་ཤེས་ཡོན་ཅན་” དང་ “རི་བརྒལ་གཞུང་བསྐྱོད་” ཀྱི་འདྲ་པར་བཅས་ཀྱི་བརྒྱན་འདུག ད་དུང་ང་ཚོས་གུང་ཁྲན་ཏང་གི་ “དམག་དཔོན་ཆེན་མོ་བཅུའི་” འདྲ་པར་ཁ་ཤས་ཀྱང་མཐོང་རྒྱུ་འདུག འོན་ཀྱང་མའོ་ཙེ་ཏུང་དང་གུང་ཁྲན་ཏང་གི་ཆེད་དུ་བགྲོད་ལམ་གཏོད་མཁན་གྱི་འགོ་འཁྲིད་བགྲེས་པ་ཁོང་ཚོ་ནི་དོན་དངོས་ཐོག་རིག་གནས་གསར་བརྗེའི་སྐབས་སུ་མའོ་ཙེ་ཏུང་གིས་སྡུག་སྦྱོང་ཚད་མེད་བཏང་ཡོད། ལིན་བིའོ་དང་ཕན་དི་ཧུཡོ་ལ་མཚོན་ན་དུར་ས་མེད་པར་ཡིད་སེམས་སྐྱོ་བོའི་སྒོ་ནས་འདས་གྲོངས་སུ་འགྱུར་ཡོད། དེ་ལས་གཞན་ཞིག་ནི་ང་ཚོས་ཕྱི་ལོ་ ༡༩༨༠ ནང་གི་ “གསར་བརྗེ་འགོ་འཛུགས་” དྲིལ་བསྒྲགས་བྱེད་བཞིན་དམག་ཆས་གྱོན་པའི་ཏེང་ཞའོ་ཕྷིང་གི་འདྲ་པར་ཆེན་པོ་ཞིག་ཀྱང་མཐོང་རྒྱུ་འདུག་པ་དེ་ནི་ཁོང་གིས་ཕྱི་ལོ་ ༡༩༨༩ ཟླ་བ་ ༦ ཚེས་ ༤ ཉིན་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་དྲག་པོའི་དམག་གིས་སློབ་ཕྲུག་རྣམས་དམར་གསོད་གཏོང་བར་རྫོང་པ་དེའི་ལོ་རྒྱུས་དེ་མི་དྲན་ཀ་མེད་བཟོས་སོང།
ཟ་ཁང་གི་ནང་ངོས་སུ་རིག་གནས་གསར་བརྗེའི་རི་མོ་དང་དངོས་རྫས་འདྲ་མི་སྣ་ཚོགས་དང་། དེ་བཞིན་མའོའི་འབོད་ཚིག་དང་ “གཞོན་ནུ་ཤེས་ཡོན་ཅན་” དང་ “རི་བརྒལ་གཞུང་བསྐྱོད་” ཀྱི་འདྲ་པར་བཅས་ཀྱི་བརྒྱན་འདུག ད་དུང་ང་ཚོས་གུང་ཁྲན་ཏང་གི་ “དམག་དཔོན་ཆེན་མོ་བཅུའི་” འདྲ་པར་ཁ་ཤས་ཀྱང་མཐོང་རྒྱུ་འདུག འོན་ཀྱང་མའོ་ཙེ་ཏུང་དང་གུང་ཁྲན་ཏང་གི་ཆེད་དུ་བགྲོད་ལམ་གཏོད་མཁན་གྱི་འགོ་འཁྲིད་བགྲེས་པ་ཁོང་ཚོ་ནི་དོན་དངོས་ཐོག་རིག་གནས་གསར་བརྗེའི་སྐབས་སུ་མའོ་ཙེ་ཏུང་གིས་སྡུག་སྦྱོང་ཚད་མེད་བཏང་ཡོད། ལིན་བིའོ་དང་ཕན་དི་ཧུཡོ་ལ་མཚོན་ན་དུར་ས་མེད་པར་ཡིད་སེམས་སྐྱོ་བོའི་སྒོ་ནས་འདས་གྲོངས་སུ་འགྱུར་ཡོད། དེ་ལས་གཞན་ཞིག་ནི་ང་ཚོས་ཕྱི་ལོ་ ༡༩༨༠ ནང་གི་ “གསར་བརྗེ་འགོ་འཛུགས་” དྲིལ་བསྒྲགས་བྱེད་བཞིན་དམག་ཆས་གྱོན་པའི་ཏེང་ཞའོ་ཕྷིང་གི་འདྲ་པར་ཆེན་པོ་ཞིག་ཀྱང་མཐོང་རྒྱུ་འདུག་པ་དེ་ནི་ཁོང་གིས་ཕྱི་ལོ་ ༡༩༨༩ ཟླ་བ་ ༦ ཚེས་ ༤ ཉིན་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་དྲག་པོའི་དམག་གིས་སློབ་ཕྲུག་རྣམས་དམར་གསོད་གཏོང་བར་རྫོང་པ་དེའི་ལོ་རྒྱུས་དེ་མི་དྲན་ཀ་མེད་བཟོས་སོང།
ངའི་གྲོགས་པོ་ཞིག་གིས་རིག་གནས་གསར་བརྗེ་ཡི་རྣམ་པ་ལྡན་པའི་ཟ་ཁང་འདི་ཆེད་དུ་མངགས་ནས་འདིར་(ལྷ་སར་) སྒོ་ཕྱེས་པ་ཞིག་ཡིན་པ་ཐོས་སོང། མི་སུ་ཞིག་ཡིན་ནའང་རྒྱ་ཁོག་ལ་རོལ་སྐབས་འདིའི་ཁོར་ཡུག་འདི་མྱོང་དགོས་ཀྱི་ཡོད། ཕྱི་དྲོ་ཆུ་ཚོད་ ༨ ཙམ་ལ་ཟ་ཁང་དེའི་ཞབས་ཞུ་བ་བོད་རིགས་དང་རྒྱ་རིགས་རྣམས་ཀྱིས་དམར་སྲུང་དམག་གིས་སྒྲིག་ཆས་གྱོན་ནས། གཞས་མ་ཚེ་བརྟན་སྒྲོལ་མས་བཏང་པའི་མའོའི་འབོད་ཚིག་ལྡན་པའི་རིག་གནས་གསར་བརྗེའི་གྲགས་ཅན་གླུ་གཞས་དེ་འཁོར་ཐག་ནས་བཏང་ནས་མདོག་ཉེས་པའམ་ཆེས་མི་སྡུག་པའི་རིག་གནས་གསར་བརྗེའི་ཞབས་བྲོ་དེ་འཁྲབ་སྟོན་བྱེད་ཀྱི་འདུག ད་དུང་ཁོང་ཚོས་ཕྱི་ལོ་ ༡༩༩༠ ནང་དར་སྲོལ་ཆེ་བའི་ཧོང་ཀོང་དང་ཐེ་ཝན་གྱི་གླུ་གཞས་ཀྱང་མཉམ་དུ་བཏང་གི་འདུག འདི་ནི་ཤིན་ཏུ་དགོད་བྲོ་བོ་དང་བྱབ་ཆུང་ཞིག་ཡིན་ནའང། དེ་ནི་ཚོང་གི་ཆེད་དུ་ཡིན་པ་སྨོས་ཅི་ལ་དགོས། གང་ལྟར་ཡང་ངས་དོ་སྣང་ཞིག་བྱུང་བ་ནི། མའོའི་འདྲ་པར་གྱི་འཁྲིས་སུ་གྲགས་ཅན་མི་སྣ་བཞི་མཐོང་རྒྱུ་མི་འདུག ད་ལྟ་ཡིན་ནའང་བོད་ཀྱི་དགོན་སྡེ་ཆེ་ཁག་གི་ནང་དུ་ “ཀྲུང་གོའི་རླབས་ཆེན་གྱི་དབུ་འཁྲིད་ལྔའི་འདྲ་པར་” བཀལ་ནས་ཡོད་པས། ཟ་ཁང་འདིའི་ནང་དུའང་བྱེད་དགོས་ངེས་རེད།
དུས་ཡུན་མི་རིང་བའི་གོང་ཞིག་ལ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་འགས་“InterContinental Hotels and Resorts ཞེས་བའི་ཚོང་དོན་ཚན་པས་ལྷ་སར་ “རྒྱས་སྤྲོས་ཅན་གྱི་ཚད་ལྡན་མགྲོན་ཁང་” གསར་རྒྱག་བྱེད་རྒྱུའི་འཆར་གཞི་ལ་ངོ་རྒོལ་ཤུགས་ཆེན་བྱེད་ཡོད་ཅིང། ལྷག་པར་བོད་ནང་དུ་རྒྱལ་སྤྱིའི་ཚོང་གྱི་ལས་དོན་གནས་བཞིན་པ་དེས་རྒྱ་ནག་གཞུང་ལ་རིན་ཐང་བྲལ་བའི་དྲིལ་བསྒྲགས་ཀྱི་ལེགས་སྐྱེས་ཆེན་པོ་ཞིག་ཡིན་པ་དང། དེ་ཡིས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པའི་སྐྱོན་བརྗོད་ཀྱང་བྱས་ཡོད། དོན་དངོས་ཐོག་ལྷ་སའི་ནང་དུ་དུས་ཚོད་དེའི་སྐབས་སམ་ད་དུང་འདིའི་སྔོན་ཙམ་ལའང་རིག་གནས་གསར་བརྗེ་ལ་བསྔགས་བསྟོད་ཆེན་པོ་བྱེད་བཞིན་ཡོད་པའི་ “རུ་དཔོན་ཆེན་མོ་”ལྟ་བུའི་ཟ་ཁང་ཡང་གསར་རྒྱག་བྱས་ཡོད། བོད་ལ་མཚོན་ན་རིག་གནས་གསར་བརྗེ་ནི་བོད་ཡིག་ནང་དུ་གསལ་བ་བཞིན་ “དམར་གསོད་དང་འཕྲོག་བཅོམ་” གྱི་དྲག་པོའི་བྱ་སྤྱོད་ཤིག་རེད། ང་ཚོས་ད་དུང་དེང་སྐབས་ལྷ་སའི་ནང་དུ་དགོན་པའི་ཞིག་རོ་ཁག་དང་། ན་ཟུག་ཅན་གྱི་རྨ་ཁ་ལྟ་བུ་རིག་གནས་གསར་བརྗེ་ཡི་ཤུལ་ལྷག་ཡོངས་རྫོགས་མཐོང་རྒྱུ་ཡོད། དེ་བཞིན་ཤུལ་ངན་རྣམས་ཉེར་སྤྱོད་རིང་ལུགས་(ཚོང་གི་ཁེ་བཟང་)ལ་སྙད་བཏགས་པའི་འོག་ནས་བསྐྱར་ལོག་བྱེད་ཀྱི་འདུག ཟ་ཁང་འདིའི་ནང་དུ་ཚོག་ཤག་(ཁ་ལག་ཟ་མཁན་) ཁྲོད་ནས་བོད་མི་མང་པོ་ཞིག་དང། ལྷག་པར་དུ་རིག་གསར་བརྗེའི་དུས་སྐབས་སུ་དམར་སྲུང་དམག་མི་བྱེད་མྱོང་བའི་ལོ་ཚོད་ཀྱི་རྒན་རྒོན་འགའ་ཡང་འདུག་པ་ཁོང་ཚོ་ནི་རིག་གནས་གསར་བརྗེ་ལ་ཞེན་ཆགས་ཡོད་པས་ཡིན་གྱི་མ་རེད།
རྒྱ་ཁོག་ཟ་ཁང་འདི་ཡིས་དོན་དངོས་ཐོག་རིག་གནས་གསར་བརྗེའི་སྙིང་སྟོབས་ལ་གཙིགས་ཆེར་འཛིན་གྱི་ཡོད་མེད་འདྲི་འོས་པ་ཞིག་རེད། ཁོང་ཚོས་རིན་གོང་མཐོ་བའི་ཤེལ་ཕོར་དང་སྒྲོག་ཙེའི་དངོས་རྫས་འདྲ་མིན་ལྡན་པའི་ཁེ་གཙང་གི་ཁང་མིག་མཐུན་རྐྱེན་སྦྱོར་ཞིང། ད་དུང་ཕལ་ཆེར་ཚལ་དང་ཤའི་རིགས་ཀྱི་ཞལ་ལག་བཟོ་ས་ཐ་དད་ཀྱི་ཐབ་ཚང་ཡང་མི་འདྲ་བ་གཉིས་འདུག འབྱོར་བ་ཅན་གྱི་མི་རྣམས་(ཕྱུགས་བདག་ཚོའི་) ཀྱི་ཆེད་དུ་གཙང་ཞིང་ཞབས་ཞུ་གང་ལེགས་ཀྱི་མཐུན་རྐྱེན་ཡོད་པའི་ཁེ་གཙང་གི་ཁང་མིག་དང། མི་དཀྱུས་མ་རྣམས་ནི་ཟ་ཁང་ཨ་མ་དེའི་ནང་དུ་འཇོག་གིས་ཡོད། མའོ་ཙེ་ཏུང་གིས་ “དབྱེ་འབྱེད་གཙོ་བོ་གསུམ་” མཇུག་སྒྲིལ་བའམ་མེད་པར་བཟོ་དགོས་པའི་ཁྱབ་བསྒྲགས་བྱས་ཡོད་ནའང། ཁོང་རང་ཉིད་ཀྱིས་འདིའི་ཐོག་དེ་ཙམ་དམ་འཛིན་མི་བྱེད་པར་ཁེ་དབང་སྣ་ཚོགས་ཤིག་ལོངས་སུ་སྤྱད་ཡོད། ཟ་ཁང་དེའི་ནང་གི་རྒྱས་སྤྲོས་ཅན་གྱི་ཁེ་གཙང་ཁང་ཆུང་དེར་ “ཀྲུང་ནེ་ཧེ་” ཟེར་ཅིང།
རྩིག་གྱང་གི་སྟེང་དུ་ཀྲུང་གོ་གུང་ཁྲན་ཏང་གི་ཕ་མེས་མར་ཁི་སི་དང་ཨེན་ཇིལ། ལི་ནན་བཅས་ཀྱི་འདྲ་པར་རྣམས་བརྗིད་ཉམས་ལྡན་པའི་ཐོག་ནས་དཔྱངས་འདུག དེའི་ནང་གི་སྒྲོག་ཙེ་རྣམས་བཀྲག་མདངས་ཅན་སྒྲོག་ཙེའི་ཅ་དངོས་དང་སྐར་དམར་ལྔ་ཅན་ཆེན་པོ་ཞིག་གིས་བརྒྱན་པའི་རིན་ཐང་བྲལ་བའི་ཆང་གི་ཤེལ་ཕོར་གྱི་མཐུན་རྐྱེན་ལྡན་འདུག མཐོང་སྣང་ལ་རྒྱ་ཁོག་ཟ་བ་དང་ལྷན་དུ་ཏང་གི་ཚོགས་འདུ་ཞིག་འཚོག་བཞིན་ཡོད་པ་ལྟ་བུ་འདུག
རྒྱ་ནག་གིས་འཛམ་གླིང་ཐོག་ཏུ་རིག་གནས་གསར་བརྗེ་ནི་བརྗོད་བྱ་ལྟ་བུ་བྱས་ནས་ཕྱིར་འདྲེན་གྱི་ལས་དོན་ནི་ད་དུང་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་པ་ནི་ཨ་ཅང་ཅང། ཉེ་ལམ་ཤིང་ཧྭ་གསར་འགྱུར་ལས་ཁང་ནས་(ཉི་ཧོང་གྱི་རྒྱལ་ས་) ཀྲོག་ཡོ་ནང་དུ་རྒྱ་མི་རིགས་ཀྱིས་“ཤར་ཕྱོགས་ནི་དམར་པོ་རེད་” ཟེར་བའི་ཟ་ཁང་ཞིག་སྒོ་འབྱེད་བྱས་ཡོད་པ་དགའ་སྤྲོའི་ཐོག་ནས་དྲིལ་བསྒྲགས་བྱས་སོང། ལྷ་སའི་རྒྱ་ཁོག་ཟ་ཁང་གི་འགོ་འཛིན་ཁོང་ནས་སྤོབས་པ་ཆེན་པོའི་ཐོག་ནས་ཁོང་ཚོས་ཀྲོག་ཡོ་ནང་དུ་ཟ་ཁང་སྒོ་ཕྱེས་མེད་ནའང་། ཁོང་ཚོས་ཨ་རིའི་ནང་དུ་ཇི་ལྟར་ཡོང་ཐབས་ཀྱི་ཐོག་ལ་ཞིབ་འཇུག་བྱེད་འགོ་འཛུགས་ཟིན་པ་དང། གལ་སྲིད་ཕ་གིར་(ཨ་ ིའི་ནང་) སྒོ་ཕྱེ་ཐུབ་རྒྱུ་བྱུང་ན་ཁོང་ཚོས་ “ཀྲུང་ནེ་ཧེ་” ཟེར་བའི་ཁེ་གཙང་གི་ཁང་ཆུང་ལྟ་བུ་ཞིག་ཀྱང་བཟོ་གི་ཡིན་ཅེས་བརྗོད་བྱུང། རྒྱ་ཁོག་ཟ་ཁང་གི་འདྲ་པར་འགའ་ངའི་ངོ་དེབ་དང་ཊིའུ་ཊར་ (Twitter) གཉིས་སུ་བཀོད་པའི་རྗེས་སུ་། དྲ་རྒྱ་སྤྱོད་མཁན་ཞིག་གིས་ “འདི་ནི་ཇར་མན་ (German) གྱི་ཟ་ཁང་ཞིག་གི་ནང་དུ་ཁོང་ཚོས་ཧིཊ་ལར་(Hitler) དང་ཧིམ་ལར་(Himmler)། གྷོ་སྦེལ་ (Goebbels) བཅས་ཀྱི་འདྲ་པར་དཔྱང་ཞིང། ཞབས་ཞུ་བ་རྣམས་ལ་ཨསི་ཨསི་སྒྲིག་ཆས་ (SS uniform) ༡ གཡོག་པ་དང་འདྲ་བོ་མི་འདུག་གམ”“རྒྱ་མི་རིགས་རྣམས་ནི་ཁྱད་མཚར་དང་ཐང་ཐང་མེད་པ་རེད་” ཅེས་པའི་མཆན་བཏབ་འདུག
ཕྱི་ལོ་ ༢༠༡༣ ཟླ་བ་ ༡༡ ཚེས་ ༡༣ ཉིན་ལྷ་ས་ནས།
མཆན།
༡༽ ཨསི་ཨསི་སྒྲིག་ཆས་ནི་དམག་ཆེན་དང་པོའི་སྐབས་སུ་ཇར་མ་ནིའི་ན་ཛིའི་(Nazi) གཞོགས་འདེགས་དཔུང་དམག་གི་སྒྲིག་ཆས་ལ་གོ་ཡི་འདུག
Follow Us!