མཚོ་ལྷོ་ཁུལ་གྱི་སློབ་འབྲིང་གི་སློབ་མ་བརྒྱད་ཅུ་ཅང་སུའུ་ཞིང་ཆེན་ལ་སློབ་སྦྱོང་བྱེད་དུ་འགྲོ་རྒྱུ་ཡིན་པ།


 

ཉེ་ལམ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཅང་སུའུ་ཞིང་ཆེན་སློབ་གསོ་ཐིན་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གཉིས་ཀྱིས་ཅང་སུའུ་ཞིང་ཆེན་སློབ་གསོ་ཐིན་གྱིས་མཚོ་ལྷོ་ཁུལ་གྱི་སློབ་གསོའི་ལས་དོན་འཕེལ་རྒྱས་སུ་གཏོང་བར་ཁ་གཏད་རོགས་སྐྱོར་བྱེད་པའི་གྲོས་མཐུན་བཀོད་པ་དང་། ཟླ་དགུ་བར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱོད་ཡོན་གཉིས་ལྡན་གྱི་སློབ་འབྲིང་གི་མཐར་ཕྱིན་སློབ་མ་བརྒྱད་ཅུ་ཅང་སུའུ་ཞིང་ཆེན་ལ་སློབ་སྦྱོང་བྱེད་དུ་འགྲོ་རྒྱུ་རེད།

རེབ་འདིའི་སློབ་གསོའི་ཁ་གཏད་རོགས་སྐྱོར་བྱེད་པའི་གྲོས་མཐུན་གྱི་ནང་དོན་གཙོ་བོར་ཅང་སུའུ་ཞིང་ཆེན་སློབ་གསོ་ཐིན་གྱིས་ཅང་སུའུ་ནན་ཅིན་སོགས་ས་ཆ་ནས་མཚོ་ལྷོའི་མཐོ་འབྲིང་འཛིན་གྲྭ་ཞིག་བསྒྲུབ་ནས། སློབ་མའི་སློབ་ཡོན་དང་འདུག་སའི་རིན་སོགས་ཀྱི་འགན་ཁུར་ཏེ་འཚོ་བའི་ཐད་ལ་ཁ་གསབ་རྒྱག་རྒྱུ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གིས་ལོ་རེར་སྤྱོད་ཡོན་གཉིས་ལྡན་གྱི་སློབ་འབྲིང་གི་མཐར་ཕྱིན་སློབ་མ་བརྒྱད་ཅུ་གདམ་ནས་ཅང་སུའུ་ཞིང་ཆེན་ལ་སློབ་སྦྱོང་དུ་མངག་རྒྱུ་དང་། བོད་ཡིག་གི་དགེ་རྒན་གཅིག་དང་དོ་དམ་མི་སྣ་གཉིས་མངག་རྒྱུ་དེ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཅང་སུའུ་ཞིང་ཆེན་སློབ་གསོ་ཐིན་གྱིས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་གུང་ཧོ་རྫོང་ནས་སློབ་མ་སྟོང་གཉིས་ཤོང་བའི་མཐོ་རིམ་སློབ་འབྲིང་ཞིག་འཛུགས་རྩིས་ཡོད་པ་དང་། མཚོ་ལྷོ་ཁུལ་གྱི་རྫོང་སོ་སོར་བྱིས་པ་སུམ་བརྒྱ་དང་དྲུག་ཅུ་ཤོང་བའི་ཚད་ལྡན་གྱི་བྱིས་བཅོལ་ཁང་གཅིག་ནས་གཉིས་འཛུགས་པར་རོགས་སྐྱོར་བྱེད་རྒྱུ་རེད།

གནས་ཚུལ་ཡོངས་ཁུངས http://www.amdotibet.cn/html/dt/whjy/2011-08/11465.html


མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དབུལ་ཕོངས་སློབ་མ་ལྔ་བརྒྱ་ཧྲན་ཏུང་ཞིང་ཆེན་དུ་སློབ་སྦྱོང་ལ་མངགས་པ།

ཚེས་ཉེར་དགུ་ཉིན་གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མ་འོངས་བའི་ལོ་འགའི་ནང་དུ། མཚོ་ལྷོ་ཁུལ་གྱིས་དབུལ་ཕོངས་དམའ་འབྲིང་དང་སློབ་འབྲིང་གི་སློབ་མ་སྟོང་ལྔ་ཧྲན་ཏུང་ཞིང་ཆེན་དུ་མངག་སྟེ་ལས་རིགས་སློབ་གསོའི་གསོ་སྦྱོང་དང་དུ་ལེན་པ་དང་། དེའི་ནང་གི་སློབ་མ་ལྔ་བརྒྱ་ཚེས་སུམ་ཅུའི་ཉིན་ཧྲན་ཏུང་གི་ཆུའུ་ཧྥུའུ་དགེ་ཐོན་སློབ་གྲྭ་ཆེན་མོའི་འབྲིང་རིམ་ཆེད་སྦྱོང་ཁང་དང་། ཏུང་ཕེན་ལས་རིགས་འབྲིང་རིམ་ཆེད་སྦྱོང་སློབ་གྲྭ་སོགས་ལ་རིན་མི་དགོས་པར་སློབ་སྦྱོང་བྱེད་དུ་སོང་།

ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བའི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་པ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཀོང་ཚེ་ལས་དོན་མཛུབ་སྟོན་ལྟེ་གནས་ཀྱིས་བཀོད་འདོམས་བྱས་པ་ལྟར། ད་ལོའི་ཟླ་བདུན་པའི་ནང་དུ་ཀྲུང་གོ་ཀོང་ཚེ་སློབ་གསོའི་སྡེ་ཚོགས་དང་མཚོ་ལྷོ་ཁུལ་གཉིས་བར་མཉམ་དུ་དར་རྒྱས་ཡར་སྐུལ་གཏོང་བའི་མཛའ་མཐུན་འབྲེལ་བ་བཙུགས། ད་ལོའི་ཟླ་དགུ་བ་ནས་བཟུང་སྟེ་ཀོང་ཚེ་སློབ་གསོའི་སྡེ་ཚོགས་ཀྱིས་མཚོ་ལྷོ་ཁུལ་ནས་ལས་རིགས་ཆེད་སྦྱོང་སློབ་མ་སྟོང་ལྔ་གསོ་སྦྱོང་བྱས་པ་དང་། སློབ་ཡོན་དང་། འདུག་ས། དཔེ་རིན་སོགས་མེད་པར་བཏང་བར་མ་ཟད་འཚོ་བའི་ཁ་གསབ་མ་དངུལ་སྒོར་མོ་སྟོང་གསུམ་དང་བརྒྱད་བརྒྱ་བྱིན།

རྒྱུས་ལོན་བྱུང་བ་ལྟར་ན། ཀོང་ཚེ་སློབ་གསོའི་སྡེ་ཚོགས་ཀྱིས་ད་རུང་མཚོ་ལྷོ་ཁུལ་ནས་མ་དངུལ་སྒོར་མོ་བྱེ་བ་བདུན་དང་ས་ཡ་གཉིས་བཏང་སྟེ་ཚད་གཞི་ཅན་གྱི་ལས་རིགས་ལག་རྩལ་སློབ་གྲྭ་ཞིག་འཛུགས་སྐྲུན་བྱེད་རྒྱུ་རེད།

ལོ་ཙཱ་བ།བདེ་སྐྱིད་འཚོ།

གནས་ཚུལ་ཡོངས་ཁུངས http://www.amdotibet.cn/html/dt/whjy/2011-08/11465.html

Leave a Comment

Your email address will not be published. Required fields are marked *

*