འཇིག་རྟེན་དང་ཉེ་བ། (ཁག་དང་པོ།)
འོད་ཟེར་ཉིན་རེ་བཞིན་དུ་མག་མོག་རེད།།
མུན་པ་ཉིན་རེ་བཞིན་དུ་འཁྲིག་འཁྲིག་རེད།།
བདེན་པ་ཉིན་རེ་བཞིན་དུ་ཐུང་ཐུང་རེད།།
རྫུན་མ་ཉིན་རེ་བཞིན་དུ་རིང་རིང་རེད།།
མི་ཚེ་ཉིན་རེ་བཞིན་དུ་ནག་ནོག་རེད།།
མདུན་ལམ་ཉིན་རེ་བཞིན་དུ་འགྱུར་འགྱུར་རེད།།
མི་རིགས་ཉིན་རེ་བཞིན་དུ་ཉུང་ཉུང་རེད།།
རྒྱལ་ཁབ་ཉིན་རེ་བཞིན་དུ་འཁྲུག་འཁྲུག་རེད།།
དཔལ་འབྱོར་ཉིན་རེ་བཞིན་དུ་ཇེ་དར་རེད།།
ཚན་རིག་ཉིན་རེ་བཞིན་དུ་གོང་འཕེལ་རེད།།
ཆོས་ལུགས་ཉིན་རེ་བཞིན་དུ་དམའ་དམའ་རེད།།
འཇིག་རྟེན་ཉིན་རེ་བཞིན་དུ་རྒུད་རྒུད་རེད།།
2011.12.20 ཉིན་ནང་ཆེན་ནས།
http://sangdhor.com/blog_c.asp?id=7316&a=1008622
འཇིག་རྟེན་དང་ཉེ་བ། (ཁག་གཉིས་པ།)
ཚ་བ་ཉིན་རེ་བཞིན་དུ་ཇེ་ཆེ་རེད།།
ལྷགས་རླུང་ཉིན་རེ་བཞིན་དུ་ཇེ་དམའ་རེད།།
ཁ་བ་ཉིན་རེ་བཞིན་དུ་ཇེ་ཉུང་རེད།།
ཆར་བ་ཉིན་རེ་བཞིན་དུ་ཇེ་མང་རེད།།
རྩྭ་ཐང་ཉིན་རེ་བཞིན་དུ་མཛེས་མཛེས་རེད།།
ས་གཞི་ཉིན་རེ་བཞིན་དུ་ཡག་ཡག་རེད།།
མེ་ཏོག་ཉིན་རེ་བཞིན་དུ་ཇེ་ཡག་རེད།།
སྤང་ལྗོངས་ཉིན་རེ་བཞིན་ཇེ་བཟང་རེད།།
སེམས་པ་ཉིན་རེ་བཞིན་དུ་ཇེ་སྤྲོ་རེད།།
དགོད་སྒྲ་ཉིན་རེ་བཞིན་དུ་མང་མང་རེད།།
སྙན་ངག་ཉིན་རེ་བཞིན་དུ་དར་དར་རེད།།
སྒྱུ་རྩལ་ཉིན་རེ་བཞིན་དུ་ཕྱུག་ཕྱུག་རེད།།
2012/5/29 ཉིན་ཟུར་མང་ནས།
Follow Us!