དགོངས་པ་མ་འཚོམ།

 

ཁྱེད་ཀྱིས་ཡིག་འབྲུ་སུམ་ཅུ་ཡིས་ང་ལ་ལོ་རྒྱུས་ཕྲེང་བའི་སྐེ་རྒྱན་ཞིག་སྒྲོན།
འོན་ཀྱང་་་་ང་ནི་དུས་ཚོད་ཀྱི་རྡབ་གསིགས་འོག་དད་སེམས་ཀྱི་ཁ་ཕྱོགས་ནོར་བ་དང་སྐེ་རྒྱན་ཡང་བོར་བརླགས་སུ་སོང།

དགོངས་པ་མ་འཚོམ་་་་ཐོན་མི་སམ་བྷོ་ཏ།་
དགོངས་པ་མ་འཚོམ་་་་་ཨ་ཕ་ཨ་མ།
དགོངས་པ་མ་འཚོམ་་་་་སྔོན་བྱོན་མེས་པོ།
དགོངས་པ་མ་འཚོམ་་་་་བཤེས་གཉེན་དགའ་ཉེ་སྤུན།

རྡོ་རིང་ཐོག་ཁྱེད་ཀྱིས་བརྐོས་པ་དེ་ང་ཡིས་ཀློག་ནས་གོ་བ་ལོན་ཐབས་བྲལ།
ཚངས་དབྱངས་རྒྱ་མཚོའི་སྙན་ངག་ང་ཡིས་འདོན་མི་ཐུབ།

ང་ལ་རྩམ་པ་མེད་ལ
ང་ལ་མཆོད་མེ་མེད།
ང་ལ་ཕྲེང་བ་མེད་ལ།
ང་ལ་ཁ་བཏགས་མེད།
དེ་རིང་་་ངས་སླར་ཡང་རང་ཉིད་ཀྱི་སྐད་སྒྲ་བརླགས་སྟེ།

དུས་དེང་ནས་བཟུང་་་་་་་འབྲོག་གླུ་མེད་ལ།
ཨ་ཅེ་ལྷ་མོ་ཡང་མེད།
ཀི་ཀི་སོ་སོ་མེད་ལ།
མ་ནི་ཡི་རང་བཞིན་གྱི་སྐད་སྒྲ་ཡང་མེད།

དགོངས་པ་མ་འཚོམ་་་་་་ང་ཁྱེད་ལ་མི་དགའ་བ་མིན།
དགོངས་པ་མ་འཚོམ་་་་་་ངས་ཁྱེད་བློས་གཏོང་འདོད་པ་མིན།
དགོངས་པ་མ་འཚོམ་་་་་་ང་ལ་དཀའ་ངལ་དག་ཁྱད་གསོད་ཀྱི་ནུས་པ་མི་ལྡན།

གནས་ཚུལ་ཡོངས་ཁུངས http://sawuche.tibetcul.com/110461.html

One Comment

  1. ང་ཚོས་མང་ཉུང་མ་ཐོག་པར་མ་སྐད་སྲུང་སྐྱོབ་བྱེད་ཐུབ་ངེས།་

Leave a Comment

Your email address will not be published. Required fields are marked *

*