ང་ཚོས་ལྷན་དུ་མིག་ཆུ་གཏོང་།
—ཡུན་ནན་ས་འགུལ་ལ་མྱ་ངན་ཞུ།
མིག་ཆུ་ཁྲག་ཏུ་མ་ལོག་ན་ངུས་ཤིག
མིག་ཆུ་ནི་མ་གཞི་ནས་བརྩེ་བ་འབའ་ཞིག་ལགས
སྤུན་དང་སྲིང་གི་ཚོགས
རང་བྱུང་གི་རྡུང་འདེགས་ལ་ལག་ཆས་ཨ་ལན་སྤྲོད་མི་ཐུབ་ན
ང་ཚོས་མིག་ཆུས་ཨ་ལན་སྤྲོད
མིག་ཆུ་ནི་ང་ཚོ་ལ་དབང་བའི་ལག་ཆ་ཁོ་ན་ཡིན
ཐལ་རྡུལ་འཕྱུར་བའི་ཁོ་ར་ཁོར་ཡུག་དག་ལ
བདེ་བར་བཞུགས་པའི་སྤུན་ཟླ་ཚོ
མིག་ཆུས་གཙང་ཕྱགས་བྱེད་རོགས
ང་ཚོའི་མིག་ཆུ་ནི་ཁོ་ཚོར་གནངས་བའི་དྭངས་གཙང་གི་བརྩེ་བ་ཡིན་ལ
ང་ཚོའི་མིག་ཆུ་ནི་ཁོ་ཚོར་ཕུལ་བའི་ཞལ་འདེབས་ཡིན
སྤུན་ཟླ་ཚོ
ང་ཚོས་ལྷན་ཏུ་མིག་ཆུ་གཏོང
མིག་ཆུ་ཁོ་ན
ཤི་བོའི་བསྔོ་ཡིག་ཡིན
གསོན་པོའི་རེ་བ་ཡིན
མིག་ཆུ་ཁོ་ནས
ཡོད་ཚད་ལ་མྱ་ངན་ཞུ
ཡོད་ཚད་ལ་སེམས་གསོ་བྱེད
ངུས་ཤིག
བརྩེ་དུངས་ཀྱི་སྦྲེལ་བའི་གོ་ལ་རིལ་པོ་འདི
མིག་ཆུ་ཁྲག་ཏུ་མ་ལོག་ན་ངུས་ཤིག
ང་ཚོས་མཉམ་དུ་རང་བྱུང་ལ་རྡུང་འདེགས་གཏོང
ང་ཚོས་མཉམ་དུ་ང་ཚོ་མི་དོ་བའི་འཇིགས་པ་ལ་ཁ་དྲོ་བྱེད
སྤུན་ཟླ་ཚོ
བརྩེ་བའི་བྱམས་སེམས་ཤིག་ཡོད་ན་ངུས་ཤིག
ཁོ་ཚོར་མཁོ་བ་ནི་མིག་ཆུ་ཡིན
མིག་ཆུ་ཁོ་ནས་ཁོའི་ཐལ་རྡུང་ཕྱགས་ཤིང
མིག་ཆུ་ཁོ་ནས་མོའི་རྨ་ཁ་སོས
ང་ཚོས་ལྷན་དུ་མིག་ཆུ་གཏོང
མིག་ཆུ་ཁྲག་ཏུ་མ་ལོག་ན་ངུས་ཤིག
ངུས་ཤིག
ངུས་ཤིག
་་་ ་་་
༢༠༡༤/༨/༤
[ http://www.gdqpzhx.com/bo/html/literature/201408212566.html ]
Follow Us!