མིག་ཆུའི་ཞོགས་པ།

 

ཞོགས་པ་དེར།
ཆེས་རྒྱུན་ལྡན་གྱི་ལབ་གླེང་དེའི་ཁྲོད་ནས།

མིག་ཆུ་འདི།
རང་དབང་དང་བཀག་འགོག་ཅི་ཡང་མེད་པར།
ཁང་བ་འདིའི་གྲུ་ག་རེ་རེ་ནས་ཆུ་མིག་བཞིན་བརྡོལ་བྱུང་།

ཆུ་མིག་མང་དྲགས་པས།
ང་ཡང་མིག་ཆུ་རྡོག་གཅིག་དང་ལྷན་དུ།
ག་ལེར་ག་ལེར་མིག་ཆུའི་ནང་དུ་འཐིམ་སྟེ།
རང་དབང་ཅི་ཡང་མེད་པར་མིག་ཆུའི་བྲན་གཡོག་ཏུ་ཚུད།

མིག་ཆུ་ལ་སྐད་ཆ་མེད་མོད།
༼ལབ་གླེང༽དེའང་མིག་ཆུས་དབང་དུ་བསྡུས།

༢༠༡༡.༩.༢༣ ཉིན་གྱི་ཞོགས་པར།


http://blog.amdotibet.cn/chedong/archives/32337.aspx

Leave a Comment