བྱད་མ་རྦད་གཏོང་།

Screen Shot 2013-01-21 at 1.07.25 PM

མ་གཞི། རི་མོ་འདི་དང་འབྲེལ་བའི་རྩོམ་ཡིག་ཅིག་འབྲི་བསམ་མོད་ཀྱང་། ང་ཅག་གི་རིག་གནས་པའི་སྡེ་འདིར། བསམ་བློ་བརྗེ་རེས་དང། ལྟ་ཚུལ་འདོན་སྤེལ། རིག་གནས་བགྲོ་གླེང་གི་ཁོར་ཡུག་ཞིག་ཡོད་སྙམ་པ་ནི། ས་འོན་བུ་སྤུར་ཁོག་ཁོག་གི་དཔེ་ཇི་བཞིན་ནོ།།
གནའ་ད་ཆད། ང་ཅག་གི་རིག་གནས་པས་བརྗོད་པའི་རིག་གནས་དགག་སྒྲུབ་དང་། བསམ་བློ་བརྗེ་རེས་ཟེར་བ་ནི། མི་གཞི་སྡིག་དམོད་བྱེད་པ་སྟེ། བྱད་མ་རྦད་གཏོང་གི་ལས་བགྱི་བ་ཙམ་ལས། དམངས་འདྲང་རྔོ་ཐོགས་ཀྱི་བསམ་བློ་ཞིག་ནི་ཆང་གྱུ་རྙེད་མ་བྱུང་དེ། རྡོ་སྦིས་དང་སྒེའུ་སྟེང་། དོར་ཞི་སོགས་ནི་དཔེ་མཚོན་ནོ།།
དགག་སྒྲུབ་ཀྱི་ཆ་ནས། ཁ་བྱང་ཇི་ཙམ་ལྗིད་ནའང་། རྩོམ་ཡིག་ཇི་ཙམ་མོད་རུང་། བསྡུས་ན། གོང་གི་རི་མོའི་སྟེང་བཀོད་པའི་དམོད་ཚིག་ལས་འབྲི་རྒྱུ་གཞན་ཡོད་མ་རེད།
དམིགས་ཡུལ་གྱི་ཆ་ནས། ཕ་རོལ་བའི་སྐུ་ལ་དམར་བྱེད་འདོད་པ་དང། མི་གྲལ་ནས་ཕུད་བྱེད་བསམ་པ་དེའོ།།
གསལ་བཤད། རི་མོ་འདི། ངེད་ན་གཞོན་སྐོར་ཞིག་གིས། 《གཞུང་ལུགས་བྲན་རྒོལ་དང་ང་ཡི་སྨྲ་ལྕེ》ཞེས་ཆེད་བསྒྲིགས་ཏུ་རྩོམ་ཚབ་ཏུ་བཀོད་པ་ཡིན། གཞན། རི་མོ་ཆ་ཚང་འདིར་འགོད་མི་ཐུབ་པས། བར་བཅད་དེ་བཀོད་ཡོད།
http://www.sangdhor.com/blog_c.asp?id=9740&a=dong

Leave a Comment

Your email address will not be published. Required fields are marked *

*