GangriNeichog雪境: ཡུལ་གྱར་ཁྱི་ལྡོམ།

ང་ཚོས་དོ་སྣང་བྱེད་བཞིན་པ་ནི་ཁྱུ་ཚོགས་འདིའི་སྐོར་ཡིན་ལ།

ཁོ་ཚོས་གནའ་བ་སོགས་རི་སྐྱེས་སྲོག་ཆགས་གསོད་བཞིན་ཡོད་ལ།འཇིག་ཉེན་ཆེ་བའི་གཅན་གཟན་གསའ་དང་ཟས་རིགས་འཕྲོག་རྩོད་བྱེད་བཞིན་ཡོད་པར་མ་ཟད།སློབ་གྲྭར་འགྲིམས་བཞིན་པའི་བྱིས་པ་དང་ཆོས་སྐོར་རྒྱག་བཞིན་པའི་རྒན་པ་ལ་སོགས་པར་འཇབ་རྒོལ་བྱས་ནས་ཚེ་སྲོག་ལའང་ཧ་ཅང་ཉེན་ཁ་ཆེ་བའི་ནད་ཡམས་ཀྱི་རིགས་ཁྱབ་སྤེལ་དུ་གཏོང་བཞིན་ཡོད་པ་རེད།

拍摄者才文公保

ཡིན་ནའང་།ཡར་སྔོན་ཁོ་ཚོ་འདི་ལྟ་བུ་ཞིག་མ་ཡིན་པར།

ཁོ་ཚོས་སྒོ་ཁྱིམ་སྲུང་བར་མ་ཟད།ད་དུང་ཕྱུགས་ཟོག་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པས།འབྲོག་པ་མང་ཚོགས་ཀྱི་གྲོགས་པོ་བཟང་བོ་ཞིག་རེད།

拍摄者尹杭

རྒྱུ་མཚན་ཅིའི་ཕྱིར་འདི་ལྟ་བུའི་འགྱུར་ལྡོག་ཆེན་པོ་ཞིག་བྱུང་བ་ཡིན་ནམ།

གནད་དོན་མང་པོ་ཞིག་བྱུང་བའི་རྗེས་སུ།གནས་དེའི་མང་ཚོགས་ཀྱིས་དེ་དང་འབྲེལ་ཡོད་ཀྱི་ཐབས་ལམ་མང་པོ་ཞིག་འཚོལ་བཞིན་ཡོད་པ་རེད།

ཐབས་ལམ་དེ་དག་བཀོད་སྤྱོད་བྱ་བའི་ཁྲོད་དུ་དཀའ་སྡུག་གང་དག་ལ་འཕྲད་པ་ཡིན་ནམ།

《背弃藏獒》影片截图

ང་ཚོས་དངོས་པར་གློག་བརྙན་ཡུལ་གྱལ་འབྲོག་ཁྱི་ཞེས་པ་བརྙན་ཕབ་བྱ་བའི་རེ་སྨོན།

བོད་ཁུལ་ཀྱི་མི་རྣམས་ཀྱིས་ཁྱི་ལྡོམ་དང་འབྲེལ་ཡོད་ཀྱི་གནད་དོན་དང་དེ་ཡི་གནས་བབ་སོགས་ལ་རྒྱུས་ལོན་བྱས་ནས་གནས་དེའི་མང་ཚོགས་ཀྱིས་ཁྱི་ལྡོམ་གྱི་གནད་དོན་ཁོ་ཁུར་བྱ་་བར་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག་ཕན་ནུས་ཡོད་པའི་ཐབས་ལམ་སོགས་འཚོལ་བ་ནི་ང་ཚོའི་རེ་འདུན་ཆེན་པོ་ཞིག་ཡིན།

ང་ཚོའི་རེ་བ་ནི་བོད་ཁུལ་གྱི་ཁྱི་ལྡོམ་ལ་འཕྲད་པའི་འགལ་ཟླ་དང་སྤྱི་ཚོགས་ཀྱི་གནད་དོན་ལ་བརྟེན་ནས་མི་རྣམས་ཀྱིས་ལངས་ཕྱོགས་གཞན་ཞིག་ནས་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས།ད་དུང་འཚོ་བ་སོགས་ལ་རྒྱུས་ལོན་ལེགས་པོ་ཞིག་བྱ་རྒྱུ་དེ་རེད།

ང་ཚོའི་རེ་བ་ནི་གནས་དེའི་མང་ཚོགས་ལ་མཉམ་འབྲེལ་བྱེད་པ་དང་ཆབས་ཅིག་ཆོས་ལུགས་དད་མོས་ལ་བརྩི་བཀུར་བྱ་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཁྱི་ལྡོམ་དང་འབྲེལ་ཡོད་ཀྱི་གནད་དོན་དག་ཐག་གཅོད་བྱས་ནས་མི་དང་རི་སྐྱེས་སྲོག་ཆགས། ད་དུང་ཁྱི་ལྡོམ་སོགས་ཕྱོགས་གང་ལའང་མཐུན་པའི་ཐག་གཅོད་ཐབས་ལམ་འཚོལ་བར་ཤུགས་སྣོན་རྒྱག་པ།

摄制组工作照

འདི་ནི་བོད་ཁུལ་གྱི་ཁྱི་ལྡོམ་དང་འབྲེལ་ཡོད་ཀྱི་གློག་བརྙན་ཞིག་ཡིན་པར་མ་ཟད།མི་དང་འབྲེལ་ཡོད་ཀྱི་གློག་བརྙན་ཞིག་ཀྱང་རེད་དོ།།

 

Abandoned Tibetan mastiffs from thethirdpole on Vimeo.

ཡིག་བསྒྱུར།དབྱངས་ཅན་ལྷ་མོ།

གནས་ཚུལ་ཡོངས་ཁུངས: https://mp.weixin.qq.com/s/mEdjPQrSj3B0PtbAGcfIfg

Leave a Comment

Your email address will not be published. Required fields are marked *

*