པེ་ཅིང་དུ་འོད་ཟེར་དང་ཝང་ལི་ཞུང་གཉིས་བཟང་བཙོན་དུ་བཅུག་འདུག

2014 07 09 Woeser Wang Lixiong House Arrest

དོན་གླིང་བུས་བོད་སྒྱུར་བྱས།

ཝང་ལི་ཞུང་དང་ང་གཉིས་ནང་སོག་ནས་པེ་ཅིང་དུ་འབྱོར་ནས་ང་གཉིས་ཀྱི་རང་ཁྱིམ་དུ་ཕྱི་དྲོ་ཆུ་ཚོད་ ༦ ཙམ་ལ་འབྱོར་བྱུང། ཆུ་ཚོད་ ༧ པའི་ཐོག་སྤྱི་བདེ་དམག་མི་བསླེབས་བྱུང། ཁོང་ཚོས་ཉིན་གཉིས་ཀྱི་རིང་ལ་མིང་གནས་ཕྱིར་བསྡུ་བྱ་རྒྱུ་དང་། ང་ཚོ་རང་ཁྱིམ་ནས་ཕྱིར་འགྲོ་ཆོག་གི་མེད་ཅེས་བརྗོད་བྱུང། ངས་ཁོང་ཚོར་རྒྱུ་མཚན་དྲིས་སྐབས། ཁོང་ཚོས་འདི་ནི་གསང་བ་རེད་ཅེས་བརྗོད་བྱུང། འོན་ཀྱང་དེ་ནི་ཨ་རིའི་གཞུང་ཚབ་ཁང་ནས་ཉིན་གཅིག་གི་གོང་ལ་ངའི་ལག་ཐོགས་ཁ་པར་ཐོག་ལ་ཁ་པར་འབྱོར་ནས་ང་རང་དེའི་དགོང་མོར་། ཁོང་ཚའི་གཞུང་ཚབ་ཁང་གི་སྡོད་ཁང་དུ་དགོང་དྲོའི་ཞལ་ལག་ལ་མགྲོན་འབོད་བྱས་སོང། ཁོང་ཚོས་ང་རང་ལམ་བར་དུ་ཡོད་པར་ཤེས་ནས་ཉིན་རྗེས་མ་དེར་བྱེད་རྒྱུ་བྱས་། ང་རང་སུ་ཞིག་ཐུག་གི་ཡོད་མེད་ཤེས་མ་སོང། འོན་ཀྱང་སུ་ཞིག་ཐུག་གི་ཡོད་མེད་མ་ཤེས་ནའང། ང་རང་སྤྱི་བདེ་དམག་མིས་བཀག་ཚར་སོང། འོན་ཀྱང་ཁོང་ཚོས་ང་དོ་དམ་བཀག་ཉར་བྱེད་དོན་ངས་ཤེས་ཀྱི་ཡོད། དེ་ནི་ཨ་རིའི་གཞུང་ཚབ་ཁང་ནས་ང་ལ་ཉིན་གཅིག་གི་སྔོན་ང་ལ་ཁ་པར་འབྱོར་ནས་། ཕྱི་དྲོ་གཞུང་ཚབ་ཁང་གི་མགྲོན་ཁང་དུ་མགྲོན་འབོད་བྱས་པ་ལ་བརྟེན་ནས་རེད། ང་རང་ལམ་བར་དུ་ཡོད་པ་ཁོང་ཚོས་ཤེས་སྟབས་ཉིན་རྗེས་མ་དེར་གོ་སྒྲིག་བྱེད་རྒྱུ་བྱས་སོང། ང་རང་སུ་ཞིག་ཐུག་རྒྱུ་ཡིན་མིན་ཤེས་ཀྱི་མེད་ཀྱང་སྤྱི་བདེ་དམག་མིས་ང་རང་བཀག་བསྡོམས་བྱས་སོང་།

འདྲ་པར་དེའི་ནང་དུ་སྤྱི་བདེ་དམག་མི་དང་སྤྱི་བདེ་དམག་མིའི་སློབ་གྲྭ་ནས་སློབ་ཕྲུག་གཅིག་ང་ཚའི་སྒོ་སྲུང་བྱེད་པར་བཏང་འདུག ཝང་ལི་ཞུང་གིས་སྤྱི་བདེ་དམག་མིའི་སློབ་གྲྭའི་སློབ་མ་དེར་། ཁོང་ཚོས་བྱེད་བཞིན་ཡོད་པ་དེ་ཁྲིམས་འགལ་ཡིན་པ་ཤེས་ཀྱི་ཡོད་མེད་དྲིས་སྐབས། སློབ་མ་དེས་”ཁྱེད་རང་གི་དྲི་བ་དེར་ལན་མ་རྒྱག་པའི་ཐོབ་ཐང་ང་ལ་ཡོད་རེད་” ཅེས་ལན་དཔེ་ཁྱད་མཚར་ཞིག་རྒྱབ་བྱུང། དེ་ཡང་ཁོང་རང་གྱོད་ཞིབ་ནང་དུ་དྲི་བར་ལན་འདེབས་བྱེད་ཀྱི་ཡོད་པའི་བཟོ་འདྲ་འདུག།

གསར་འགྱུར་ཁག་ཏུ་ཨ་རའི་སྲིད་གཞུང་གི་དྲུང་ཆེ་ཀེ་རི་མཆོག་པེ་ཅིང་དུ་ཕེབས་ཡོད་པ་བཤད་ཀྱི་འདུག ལོ་སྔོན་མའི་ཟླ་བ་ ༣ པའི་ནང་ཨ་རིའི་གཞུང་གིས་ང་ལ་”རྒྱལ་སྤྱིའི་བུད་མེད་བློ་སྟོབས་ཅན་གྱི་གཟེངས་རྟགས་” ཤིག་གནང་བའི་སྐབས་སུ། ང་རང་ཨ་རིའི་ཝ་ཤིང་ཊོན་དུ་བསྐྱོད་ཐུབ་མེད། གང་ཡིན་ཟེར་ན་ང་རང་དོ་དམ་བཀག་ཉར་དང་ང་ལ་ཕྱི་བསྐྱོད་ལག་ཁྱེར་མེད་པས་ཡིན། དེའི་མཇུག་ཙམ་དུ་དྲུང་ཆེ་ཀེ་རི་མཆོག་ནས་ང་ལ་འཕྲིན་ཡིག་གཅིག་བསྐུར་འདུག གལ་ཏེ་ད་རེས་ང་རང་ཁོང་དང་མཇལ་ཚེ། ངས་ཁོང་གི་འཕྲིན་ཡིག་དེར་ལན་འདེབས་དང་ཐུགས་རྗེ་ཆེ་ཞུ་འདོད་ཆེན་པོ་བྱུང། འོན་ཀྱང་བློ་འགྱོད་ཆེན་པོ་ཞིག་ལ་ང་རང་ཁྱིམ་དུ་དོ་དམ་བཀག་ཉར་ནང་གནས་ཡོད།

Leave a Comment

Your email address will not be published. Required fields are marked *

*